Return to the talk Return to talk

Transcript

Select language

Translated by danzhjia bo
Reviewed by subtitle bod

0:11 ངས་པར་ཆས་འཛིན་ཐུབ་ཙམ་ནས་བཟུང་། ང་པར་ལེན་རྒྱུར་དགའ་པོ་ཞེ་དྲག་ཡོད། ཡིན་ནའང་། དེ་རིང་ཁྱེད་ཅག་གི་སྤྱན་སྔར་སྟོན་རྒྱུ་དེ། ང་ཆེས་དགའ་བའི་པར15ཡིན། འདི་རུ་ངས་བླངས་པ་གཅིག་ཀྱང་མེད། འདི་དག་ལ་སྒྱུ་རྩལ་མཛུབ་སྟོན་དང་མཛེས་ཆས་པ་ཡོད་མ་རེད་ལ། བསྐྱར་ལེན་གྱི་གོ་སྐབས་ཡོད་མ་རེད་ལ། གློག་འོད་དེ་བས་ཀྱང་ཡོད་མ་རེད། དངོས་གནས་བྱས་ན། མང་ཆེ་བ་ཡུལ་སྐོར་བས་བླངས་པ་རེད།

0:34 ངས་འཆད་རྒྱུའི་གཏམ་རྒྱུད་འདི་ ཐེངས་ཤིག་ང་ཉིག་ཡོག་གྲོང་ཁྱེར་དུ་གཏམ་བཤད་ལ་འགྲོ་དུས་དང་འབྲེལ་བ་ཡོད། ངས་བུ་མོ་པང་བསྡད་པའི་པར་འདི་ངའི་ཆུང་མས་བླངས་པ་རེད། ཉིན་དེ་མོ་ལོ་གཅིག་ལ་སོན་པའི་སྐྱེས་སྐར་ཡིན། ང་ཚོ་སྲང་ཆེན57པ་དང5བ་བསྣོལ་སར་བསྡད་ཡོད། སྟབས་ཁེལ་ཏེ། ལོ་གཅིིག་གི་རྗེས་སུ་ང་ཚོ་ཡང་བསྐྱར་ཉིག་ཡོག་ཏུ་འབྱོར། བྱས་ཙང་སྔོན་གྱི་པར་དེ་འདྲ་ཞིག་ལེན་རྒྱུ་བྱས།

0:52 ཁྱེད་ཅག་གིས་ཇི་འདྲ་ཡིན་པ་ཧ་གོ་རྒྱུ་རེད། བུ་མོ་ལོ3ལ་སོན་པའི་སྐྱེས་སྐར་དང་ཉེ་བས། ཆུང་མ་ན་རེ། ཁྱོད་ཀྱིས་ས་པི་ཁྲིད་ནས་ཉིག་ཡོག་ཏུ་ལོག་སྟེ་ སྔོན་གྱི་སྲོལ་དེ་བཞིན་ཕ་དང་བུ་མོའི་འགྲུལ་བཞུད་རྒྱུན་མི་མཐུད་པ་ག་རེ་ཡིན་ནམ། དེ་ནས་བཟུང་། ང་ཚོས་ཡུལ་སྐོར་པར་ང་ཚོར་པར་ལེན་རོཊ་བྱེད་དུ་བཅུག་པ་ཡིན།

1:06 ཁྱེད་ཀྱིས་ཤེས་གསལ། མི་ཆ་མེད་ཅིག་ལ་པར་ཆས་སྤྲོད་རྒྱུ་དེ་་ དངོས་གནས་སྤྱིར་བཏང་རེད་ལ་ཡང་རྒྱུན་ལྡན་ཞིག་མ་རེད། མིན་ཟེར་མཁན་མི་བྱུང་། ལས་ཡག་སྟེ་པར་ཆས་ཁྱེར་ནས་འབྲོ་མཁན་ཡང་བྱུང་མ་སོང་།

1:17 དེ་དུས། འགྲུལ་བཞུད་འདིས་ང་ཚོའི་མི་ཚེ་བསྒྱུར་འགྲོ་བ་སེམས་ལའང་མ་དྲན། ང་ལ་མཚོན་ན། དོན་དེ་ཡུན་གྱིས་རྩིས་ཆེན་ཞིག་ཏུ་གྱུར་སོང་། འདི911རྗེས་ཀྱི་བདུན་ཕྲག་འགའ་འགོར་རྗེས་བླངས་པ་ཡིན། སྐབས་དེར་ངས911ཉིན་གྱི་དོན་རྐྱེན་གསལ་བཤད་བྱ་རྩིས་བྱས་ཏེ། ལོ་ལྔ་སོན་པའི་ཕྲུ་གུ་ལ་གོ་བ་ཆགས་ཐབས་ཤིག་བྱས་པ་ཡིན།

1:33 བྱས་ཙང་། པར་འདི་ཚོ་ཟིན་ཐོ་ཙམ་རྩ་བ་ནས་མ་རེད་བཞག སྐད་ཅིག་མ་གཅིག་གམ། འགྲུལ་བཞུད་ཁྱད་པར་བ་ཞིག འདི་ང་ཚོས་དུས་ཚོད་ཉར་ཚགས་བྱེད་ཐབས་ཤིག་རེད། ཟླ10པའི་གཟའ་འཁོར་ཞིག་ཡིད་ལ་འཛིན་དུ་འཇུག་རྒྱུ་དང་། ལོ་ཟླ་དྲན་དུ་འཇུག་རྒྱུ་མ་ཟད། ང་ཚོ་ལོ་རེ་རེར་ཇི་ལྟར་འགྱུར་བའི་སྐོར་དང་། ལུས་པོ་ཙམ་མ་ཡིན་པར་ཕྱོགས་ཡོངས་ཀྱི་འགྱུར་བ་ཟེར་བ་ཡིན། དེ་བས། ང་ཚོས་ལོ་རེར་པར་མཚུངས་པ་རེ་བླངས་པ་ཡིན། ང་ཚོའི་མཐོང་སྣེ་འདྲ་ཡི་མ་རེད། བུ་མོ་མོ་རང་གི་ལམ་ལ་འཇུག་རྒྱུ་དང་། ངས་མོའི་མིག་ཟུང་ལས་་་ མོས་ཅི་བྱེད་མིན། ཇི་ལྟར་བྱེད་མིན་ལ་བལྟས་པ་ཡིན། ངེད་ཕ་སྤད་གཉིས་འདི་ལྟར་མཉམ་དུ་བསྡད་པའི་དུས་ཚོད་ནང་་་ དུས་འདི་ངེད་ཚོའི་རེ་ཤོས་དང་རྩ་ཆེ་ཤོས་སུ་གྱུར་སོང་།

2:16 འགྲུལ་བཞུད་མཐའ་མ་དེར། ང་ཚོ་རྐང་པ་བརྒྱབ་ནས་ཕྱིན་པ་ཡིན། མོ་གློ་རྡེག་ལ་བསྡད་སོང་། མོས་རྩེད་ཆས་ཁང་ཞིག་གི་སྒོ་གཡབ་དམར་པོ་ཞིག་སྟོན་ཞོར་ན་རེ། མོ་ཆུང་དུས་དེ་ལ་ཧ་ཅང་དགའ་པོ་ཡོད་ཟེར། དེ་ནི་འགྲུལ་བཞུད་སྔ་མ་དེ་ཚོ་ནས་བཟུང་སྟེ། མོས་ང་ལ་མོ་རང་ལོ5ཡིན་དུས། དེ་ནས་པར་ལེན་སྐབས་ཀྱི་ཚོར་བ་བཤད་སོང་། ས་ཆ་དེ་མོས་ཐོག་མར་མཐོང་དུས་ སྙིང་ཡང་ལྷོག་ལྷོག་ལྡིང་གི་འདུག་ཟེར། དེ་ལོ9ཡི་སྔོན་གྱི་དོན་དག་རེད། ད་ལྟ་མོ་ཉིག་ཡོག་ཏུ་འགྲོ་དུས་ སློབ་ཆེན་ལ་དོ་སྣང་བྱེད་ཀྱི་འདུག དེའི་རྒྱུ་མཚན་ཡང་མོས་དེར་སློབ་གྲྭ་འགྲིམ་རྒྱུ་བྱས་པས་རེད། ངས་གློ་བུར་དུ། འུ་ཅག་གིས་གསར་དུ་བཏོད་པ་གལ་ཆེ་ཤོས་ཤིག་ནི་་་ འུ་ཅག་གི་དྲན་འཛིན་ཡིན་པ་ཧ་གོ་བྱུང་།

2:58 དེའི་རྐྱེན་གྱིས། ངས་ཆེད་དུ་འདི་ལྟ་བུའི་ དྲན་འཛིན་གསར་གཏོད་བྱ་རྒྱུ་དྲན་སོང་། ངས་ཁྱེད་ཚོའི་གནས་ཚུལ་ལ་རྒྱུས་མེེད། ཡིན་ཡང་ང་སྒེར་ལ་མཚོན་ན། འདྲ་པར15འདི་ཕུད། ནང་མིའི་འདྲ་པར་དུ་རྣམ་ཀུན་ཡོང་གི་མེད། ང་རྟག་པར་པར་ཆས་འཛིན་མཁན་དེ་ཡིན། དེ་རིང་འདིར་ཕེབས་པའི་ལྷན་རྒྱས་རྣམས་ཀྱང་་་ འདྲ་པར་ནང་དུ་འགྲོ་རྒྱུའི་སྐུལ་མ་དང་རེ་བ་ཞུས་པ་ཡིན། ཐེ་མ་ཚོམ། ལམ་འགྲོ་ཚོར། "པར་ཞིག་ལེན་རོགས་བྱས་ན་ཆོག་གམ"ལབ་རོགས། ཐུགས་རྗེ་ཆེ། ༼ཐལ་མོ་རྡེབ་སྒྲ༽