Terry Moore

ཐྲེ་རི་མོར། ལྷམ་ཐིག་སྒྲོག་སྟངས།

6,191,846 views • 2:59
Subtitles in 59 languages
Up next
Details
Discussion
Details About the talk
Transcript 59 languages
Translated by danzhjia bo
Reviewed by subtitle bod
0:11

སྔོན་ཆད་ངསTEDལ་ལྟ་མཁན་རྣམས་ནི་ མི་ལ་བག་ཆགས་ཟབ་མོ་འཇོག་ཅིང་། བློ་རིག་བཀྲ་བ། འདང་རྒྱག་ཤེས་པ། གྲུང་པོ། འཇིག་རྟེན་ལྟ་ཚུལ་ཡོད་ཅིང་གསར་གཏོད་ཀྱི་བློ་གྲོས་ཀྱིས་ཕྱུག་པ་སྐོར་ཞིག་ཡིན་བསམ་ཡོད་ལ། དེ་ཡིན་ཀྱང་ཡིན་ངེས་མོད། ཡིན་ཡང་། ངས་བསམ་ན་ ཁྱེད་ཅག་ཁྲོད་ཀྱི་མི་མང་པོ་ཞིག་གིས་ དོན་ངོ་མར་ལྷམ་ཐིག་སྒྲོག་སྟངས་ནོར་ཡོད་པ་རེད།

0:29

(དགོད་སྒྲ)

0:31

དེ་ཅུང་དགོད་བྲོ་བ་ཞིག་ཡིན་པ་ང་ཡིས་ཧ་གོ བལྟས་ཚོད་ཀྱིས་དགོད་བྲོ་བ་ཞིག་ཡིན་ནའང་། ངོ་མ། ངའི་འཚོ་བའི་ནང་དུའང་རྟག་པར་ནོར་འཁྲུལ་འདི་བཟོ་ཞིང་། ལོ་གསུམ་གྱི་སྔོན་བར་ལ་དེ་འདྲ་བྱས་ཡོང་པ་ཡིན། སྐབས་དེར། ངས་རང་ཉིད་ལ་ ལྷམ་གོང་ཆེན་ཞིག་ཉོས་པ་དང་། ཡིན་ཡང་ལྷམ་དེའི་ལྷམ་ཐིག་ཉི་ལོང་རྟགས་ཅན་རེད། ངས་ཇི་ལྟར་སྒྲོག་དགོས་པ་མ་ཤེས་པས། ལྷམ་ཁྱེར་ནས་ཚོང་ཁང་གི་བདག་པོ་ལ། “ང་ལྷམ་ཆ་འདིར་དགའ་པོ་འདུག ཡིན་ཡང་ལྷམ་ཐིག་ལ་སུན་པོ་འདུག”ཅེས་ལབ་ཡིན། ཚོང་བདག་གིས་ལྟ་ཙམ་བྱས་ཏེ། “ཨོ། ཁྱོད་ཀྱི་ལྷམ་ཐིག་མདུད་སྟངས་ནོར་བ་རེད”ཟེར། སྐབས་དེ་དུས་གཟོད། ངའི་སེམས་ལ་ལོ་ལྔ་བཅུ་ལོན་པའི་མི་ཞིག་ འཇོན་ཤོས་ཀྱི་ལག་རྩལ་དེ་ ལྷམ་ཐིག་སྒྲོག་སྟངས་ལས་བརྒལ་བ་ཞིག་སྙམ། ཡིན་ཡང་། དོན་དངོས་འདི་འདྲ་ཞིག་མ་རེད། ངས་གསལ་བཤད་ཅིག་བྱ།

1:10

ལྷམ་ཐིག་སྒྲོག་སྟངས་འདི་ མི་མང་ཆེ་བའི་སྒྲོག་སྟངས་རེད། འདིའི་སྟེང་ནས....ཐུགས་རྗེ་ཆེ། ཏོག་ཙམ་སྒུག ད་དུང་ཚར་ཡོད་པ་མ་རེད་དཱ། འདི་ཡི་སྟེང་དུ་ སྒྲོག་སྟངས་འདི་ལ་དམ་མི་དམ་གཉིས་ཡོད་པ་རེད། ང་ཚོས་སྔོན་ཆད་བསླབས་པ་དེ་དམ་པོ་མིན་པ་ད་རེད། ངས་ཁྱེད་ཅག་ལ་སྟོན། གལ་སྲིད་ཁྱོད་ཀྱིས་འདི་ལྟར་ལྷམ་ཐིག་གི་གཤམ་ནས་ཕར་ཚུར་ལ་འཐེན་པ་ཡིན་ན། ཁྱེད་ཀྱིས་མཐོང་པ་ནང་བཞིན་ རང་བཞིན་གྱིས་མདའ་རིང་གི་ཚུགས་ཀར་འགྱུར་གྱི་འདུག་ལ། འདི་སྒྲོག་སྟངས་མི་དམ་པ་དེ་རེད།

1:41

ཡིན་ཡང་སེམས་ཁྲལ་མ་བྱེད་ཨཱ། འུ་ཅག་གིས་ཡང་བསྐྱར་ཅིག་བྱེད། སྔོན་མ་ནང་བཞིན་ལག་གཡས་འོག་ནས་ཡོང་སྟེ་ དཀྲིས་བརྒྱབ་ནས་མདུད་པ་ཡིན་ན། འདི་ནི་སྒྲོག་སྟངས་དམ་པོ་དེའི་རིགས་ཡིན། གལ་སྲིད་ཁྱོད་ཀྱིས་འདི་ལྟར་འཐེན་ན། ཁྱེད་ཀྱིས་མཐོང་ཐུབ་པ་ལྟར། འཕྲེད་ཀྱི་མདའ་རིང་གི་ཚུགས་ཀ་མི་འགྱུར་བར་འདུག་ཐུབ། སྒྲོག་སྟངས་དམ་པོ་འདི་རེད། འདི་རང་གར་ལྷོད་ཀྱི་མ་རེད་ལ། ཁྱེད་ལ་རྙོག་དྲ་ཡང་ཉུང་དུ་འགྲོ་ངེས། དེར་མ་ཟད། བལྟས་ན་མིག་ལ་མཛེས་པ་ཞིག་ཀྱང་རེད།

2:08

ངས་ད་དུང་ཐེངས་ཤིག་སྟོན། (ཐལ་མོ་རྡེབ་སྒྲ) རྒྱུན་ལྡན་ལྟར་མགོ་བརྩམས་རྗེས། ལྡོག་ཕྱོགས་ནས་དཀྲིས་ཤིག་རྒྱག་དགོས། འདི་ཕྲུ་གུ་ཚོར་མཚོན་ན་ཅུང་དཀའ་ནའང་ཐང་མོད། ཡིན་ཡང་ཁྱེད་ཅག་གིས་འདི་ལྟར་སྒྲོག་ཐུབ་པར་ཡིད་ཆེས་ཡོད། འདི་ལྟར་མདུད་རྗེས། ད་ཚར་པ་རེད། ལྷམ་ཐིག་དམ་པོར་སྒྲོག་ཐབས་རེད།

2:30

ད་ནི་དེ་རིང་གི་བརྗོད་བྱར་ཁ་འཕྲོད་ཆེད། ངས་ཁྱེད་ཅག་གིས་ཤེས་པའི་་ཤེས་བྱ་ཕྲན་ཚེགས་རེ་བཤད་འདོད་དེ། མི་ཚེའི་གོ་རིམ་གང་ཞིག་ལས་ རང་གི་དགེ་མཚན་ཆུང་ཆུང་རེས་ཀྱང་ ཡུལ་གཞན་ཞིག་ཏུ་ཁྱེད་ལ་བློ་ཡུལ་འདས་པའི་འབྲས་བཟང་སྟེར་སྲིད།

2:44

“རིག་པ་ནངས་པར་འཆི་ཡང་བསླབ”

2:46

(ཐལ་མོ་རྡེབ་སྒྲ)

ཐྲེ་རི་མོར་གྱིས་རང་གི་ཚེ་འདི་རུ་རྟག་པར་ལྷམ་ཐིག་སྒྲོག་སྟངས་ནོར་གྱིན་པ་ཧ་གོ་ཞིང་། TEDབསམ་བློའི་ཤན་ཤུགས་འོག ཁོ་རང་གར་སྟེགས་སུ་བུད་དེ་ཐབས་འདི་ག་མཉམ་སྤྱོད་གནང་།(མཆན། འདི་ནི་རིང་ཐུང་ལ་སྐར་མ3མ་གཏོགས་མེད་པའི་ལྟ་མཁན་གྱི་གཏམ་བཤད་ཅིག་སྟེ། 2005ལོའིTEDགཏམ་བཤད་ཁག་ལས་བྱུང)

About the speaker
Terry Moore · Thinker

Terry Moore is the director of the Radius Foundation, a forum for exploring and gaining insight from different worldviews.

Terry Moore is the director of the Radius Foundation, a forum for exploring and gaining insight from different worldviews.