འདས་བའི་ཉིན་ཤས་ཀྱི་རིང་ལ་ངས་མི་མང་ཚོས་རྒྱ་ནག་གི་སྐོར་བཤད་ཀྱི་ཡོད་པ་གོ་བྱུང་། མ་ཟད། ངས་གྲོགས་པོ་ཚོར་རྒྱ་ནག་དང་རྒྱ་ནག་གི་དྲ་རྒྱའི་སྐོར་གླེང་མོལ་བྱས་པ་ཡིན། གནད་དོན་གཅིག་ནི་ང་ལ་མཚོན་ན་ཧ་ཅང་ཁག་པོ་འདུག། དེ་ནི་ངས་ཁོང་ཚོར་རྒྱ་ནག་ནི་རྙོག་འཛིང་ཅན་ཞིག་ཡིན་པ་ ཧ་གོ་འཇུག་དགོས་པ་དེ་རེད། དེར་བརྟེན། ངས་རྟག་པར་ཕྱོགས་གཅིག་ནས་འདི་འདྲ་ཡིན་པ་དང་། ཡང་ཕྱོགས་གཞན་ཞིག་ནས་དེ་འདྲ་ཡིན་པ་བརྗོད་ཀྱི་ཡོད། སྒྲུང་ངོས་གཅིག་ཅན་ཁོ་ན་ཞིག་བཤད་ནས་ཡོང་ཐབས་མེད། དཔེར་ན། རྒྱ་ནག་ནི་བྷི་རིས་ཁི་(BRIC)རྒྱལ་ཁབ་ཅིག་རེད། བྷི་རིས་ཁི་ཡིས་བྷི་ར་ཛིལ་(Brazil)དང་། ཨུ་རུ་སུ།(Russia) རྒྱ་གར།(India) རྒྱ་ནག(China)་བཅས་མཚོན་གྱི་ཡོད། རྒྱལ་ཁབ་འདི་དག་གི་ཡར་རྒྱས་འགྲོ་བཞིན་པའི་དཔལ་འབྱོར་གྱིས་འཛམ་གླིང་ དཔལ་འབྱོར་བསྐྱར་གསོ་ལ་ཕན་ཐོགས་ཀྱི་ཡོད། འོན་ཀྱང་། ཕྱོགས་གཞན་ཞིག་ནས རྒྱ་ནག་ནི་སིག་ཁི་(SICK)རྒྱལ་ཁབ་ཞིག་རེད། བརྡ་ཆད་འདི་ངོ་དེབ་བཟོ་ཚོང་ཁང་གི་ཡིག་ཆའི་ནང་དུ་བཏོན་འདུག ཁོང་གིས་སིག་ཁི་ཞེས་པ་འདིས་སིས་རི་ཡ་(Syria)དང་། ཨི་རན།(Iran) རྒྱ་ནག།(Chia) བྱང་ཀོ་རི་ཡ་(North korea)བཅས་མཚོན་གྱི་ཡོད། རྒྱལ་ཁབ་འདི་བཞིའི་ནང་དུ་ངོ་དེབ་བེད་སྤྱོད་ཀྱི་འཇུག་སྒོ་མེད། དེར་བརྟེན། གཞི་རྩའི་ཆ་ནས་རྒྱ་ནག་ནི་ཞེན་པ་ལོག་པའི་རྒྱལ་ཁབ་ཞིག་རེད།
ལས་འཆར་གཞན་པ་ཞིག་བཙུགས་ཏེ། རྒྱ་ནག་དང་རྒྱ་ནག་གི་དྲ་རྒྱར་ལྟ་རྟོག་བྱེད་ཀྱི་ཡོད། དེ་རིང་ངས་ཁྱེད་ཚོར་ལོ་ངོ་དུ་མའི་རིང་རྒྱ་ནག་གི་ཆ་འཕྲིན་ ལྕགས་རིའི་ནང་གི་སྒེར་གྱི་མཐོང་སྣང་དག་བརྗོད་འདོད་བྱུང་། གལ་ཏེ་ཁྱེད་རང་སྲིད་སྟེགས་ཀྱི་རྩེད་མོ(Game of Thrones)་ལ་དགའ་མཁན་ཞིག་ཡིན་ཚེ། རྒྱལ་གཞིས་རྙིང་པ་ཞིག་ལ་རྩིག་གྱང་ནི་ག་ཚོད་གལ་ཆེན་ཡིན་མིན་ཤེས་ངེས་རེད། དེས་བྱང་གི་གནོད་འཚེ་དག་འགོག་གི་ཡོད།
རྒྱ་ནག་གི་གནས་བབ་ཀྱང་དེ་མཚུངས་རེད། བྱང་རྒྱུད་དུ་རྒྱ་ནག་ལྕགས་རི་རིང་པོ་ཡོད། འདིས་ལོ་ངོ་༢༠༠༠ གི་རིང་ལ་རྒྱ་ནག་རྒྱལ་ཁབ་བཙན་འཛུལ་ བྱེད་པོ་དག་གི་སོ་ཁ་ནས་བསྐྱབས་ཡོད། ད་དུང་། རྒྱ་ནག་ལ་ཆ་འཕྲིན་འགོག་པའི་ལྕགས་རི་ཞིག་ཀྱང་ཡོད། དེ་ནི་འཛམ་གླིང་གི་ཆེས་ཆེ་བའི་ཆ་འཕྲིན་ལྕགས་རི་ཡིན། འདིས་རྒྱ་ནག་དམར་གཞུང་ཕྱི་ཕྱོགས་ལས་སྲུང་སྐྱོབ་དང་། ཡོངས་ཁྱབ་རིན་ཐང་བཀག་འགོག་བྱེད་རྒྱུ་ཙམ་མིན་པར། རྒྱ་ནག་རང་གི་མི་སེར་རྣམས་འཛམ་གླིང་རང་དབང་དྲ་བར་འཛུལ་བཅུག་མེད། ཐ་ན་ཁོང་ཚོ་དུམ་བགོ་བྱེད་པ་ལས་ཆིག་སྒྲིལ་བྱེད་འཇུག་གི་མེད།
རྩ་བའི་ཆ་ནས་དྲ་རྒྱ་ལ་རིགས་གཉིས་ཡོད་པ་རེད། དང་པོ་དེ་ཡོངས་ཁྱབ་ཀྱི་དྲ་རྒྱ་དང་། གཞན་པ་ནི་རྒྱ་ནག་གི་དྲ་རྒྱ་རེད། འོན་ཀྱང་། ཁྱེད་ཀྱིས་རྒྱ་ནག་གི་དྲ་རྒྱ་ནི་ ནུས་མེད་བེམ་རོ་ཞིག་རེད་སྙམ་ན་ནོར་འཁྲུལ་རེད། ང་ཚོས་ཞི་མི་དང་ཙི་ཙི་ཡི་མཚུངས་བསྡུར་ཐབས་ལམ་སླ་བོ་ཞིག་གིས་ འདས་བའི་ལོ་ངོ་བཅོ་ལྔའི་རིང་གི་ རྒྱུན་ཆད་མེད་པའི་འཐབ་རྩོད་དེ། ཞི་མི་མཚོན་པའི་ཞིབ་བཤེར་དང་། ཙི་ཙི་མཚོན་པའི་དྲ་དམངས་དབར་གྱི་རྩོད་པ་འགྲེལ་གྱི་་ཡོད། འོན་ཀྱང་། མཚམས་རེར་འདི་ལྟ་བུའི་མཚུངས་བསྡུར་ཏེ་ཆེས་སྤྱིར་བཏང་བ་ཞིག་ཡིན་པས།
དེ་རིང་ངས་འདིར་རིམ་པ་གཉིས་བ་ཞིག་གི་ཐོག་ནས་འགྲེལ་གྱི་ཡིན། རྒྱ་ནག་ཏུ་དྲ་དམངས་ས་ཡ་༥༠༠་ཡོད། འཛམ་གླིང་གི་དྲ་རྒྱ་སྤྱོད་མཁན་གྱི་གྲངས་འབོར་མང་ཤོས་རེད། རྒྱ་ནག་དྲ་རྒྱ་ནི་རྩ་བ་ནས་ཡོངས་སུ་ཞིབ་བཤེར་བྱེད་པ་ཞིག་ཡིན་ནའང་། རྒྱ་ནག་དྲ་རྒྱའི་སྤྱི་ཚོགས་དངོས་ཡོད་ཐོག་ཁ་ཡར་ལ་ཕྱོགས་ཀྱི་ཡོད། ཇི་ལྟར་ཞེ་ན། ལས་སླ་བོ་རེད། ཁྱེད་ཚོར་གྷོས་གྷིལ་(Google)ཡོད་སར། ང་ཚོར་པེ་ཏོས་(Baidu)ཡོད། ཁྱེད་ཚོར་ཌིས་ཌིར་(Twitter)ཡོད་སར། ང་ཚོར་ཝེ་པོ་(Weibo)ཡོད། ཁྱེད་ཚོར་ངོ་དེབ་(Facebook)ཡོད་སར། ང་ཚོར་རིན་རིན་(Renren)ཡོད། ཁྱེད་ཚོར་ཡོས་ཌོབ་(Youtube)ཡོད་སར། ང་ཚོར་ཡོས་ཁོས་(Youku)དང་ཐོས་ཏོས་(Tudou)ཡོད། རྒྱ་གཞུང་གིས་རྒྱལ་སྤྱིའི་དྲ་ལམ་ ཚད་རིམ་ ༢་༠ ཅན་ཆ་ཚང་བཀག་ཡོད་ཀྱང་། རེ་རེ་བྱས་ནས་འདྲ་བཟོ་བྱས་ཡོད།
ངས་འདི་ལ་ཐབས་མཁས་བའི་ཞིབ་བཤེར་ཞེས་འབོད་ཀྱི་ཡོད། དེས་ཁྱེད་རང་གཅིག་པུར་ཞིབ་བཤེར་བྱེད་པ་ཁོ་ན་མ་རེད། རྒྱ་ནག་རྒྱལ་ཁབ་ཀྱི་དྲ་རྒྱ་སྟངས་འཛིན་སྲིད་ཇུས་འདི་སྟབས་བདེ་མོ་ཞིག་སྟེ། བཀག་འགོག་དང་འདྲ་བཟོ་བྱེད་རྒྱུ་ཙམ་རེད། ཕྱོགས་གཅིག་ནས་སྤྱི་ཚོགས་འབྲེལ་མཐུད་དྲ་བའི་དགོས་མཁོ་སྐོང་འདོད་ཡོད། མི་མང་ཚོ་དངོས་གནས་སྤྱི་ཚོགས་འབྲེལ་མཐུད་དྲ་བར་དགའ། འོན་ཀྱང་། ཕྱོགས་གཞནཞིག་ནས་ཁོང་ཚོས་འདོད་མོས་ལྟར་དྲ་རྒྱའི་ཨ་མ་དེ་ དུས་ནམ་ཡིན་ཡང་ཞིབ་བཤེར་བྱེད་ཆེད་པེ་ཅིང་དུ་ཉར་དགོས་པ་དེ་རེད། གུ་གལ་རྒྱ་ནག་ནས་ཕྱིར་འཐེན་བྱས་བའི་རྒྱུ་རྐྱེན་ཀྱང་དེ་ལ་ཐུག་ཡོད། ཁོང་ཚོས་རྒྱ་གཞུང་གིས་དྲ་རྒྱའི་ཨ་མ་དོ་དམ་ བྱེད་རྒྱུ་དེ་དང་ལེན་བྱེད་མ་ཐུབ་པ་རེད།
ཨ་རབ་ཀྱི་དབང་ཆ་གཅིག་སྡུད་པ་ཚོས་རྒྱ་ནག་གི་དྲ་རྒྱ་ སྟངས་འཛིན་གྱི་ཐབས་ལམ་གཉིས་ཆ་རྟོགས་མི་འདུག། དཔེར་ན། མོ་བྷ་ར་ཁས་(Mubarak)དྲ་ལམ་བཀག་པ་རེད། ཁོང་གིས་དྲ་དམངས་ཚོས་རང་ཉིད་ལ་སྐྱོན་བརྗོད་བྱེད་རྒྱུ་འགོག་འདོད་པ་རེད། ཡིན་ཡང་། དྲ་དམངས་ཚོས་དྲ་རྒྱ་འགྲིམས་མ་ཐུབ་པས་་སྲང་ལམ་དུ་འཛོམས་པ་རེད། དེའི་མཇུག་འབྲས་མངོན་གསལ་རེད། ང་ཚོས་ཤེས་གསལ་ལྟར་མོ་བྷ་ར་ཁི་དངོས་ཡོད་ལག་ལེན་ཐོག་ནས་ ཤི་བ་རེད། ད་དུང་ཊ་ནེ་ཤི་ཡ་(Tunisia)ཡི་་སྲིད་འཛིན་བྷན་ཨ་ལས་(Ben Ali)ཀྱིས་ དྲ་རྒྱ་སྟངས་འཛིན་གྱི་ཐབས་ལམ་གཉིས་པ་དེ་གཞིར་བཟུང་བྱས་མེད། དེ་ནི་དྲ་རྒྱའི་ཨ་མ་རང་གི་ལག་ཏུ་ཉར་རྒྱུ་དེ་རེད། ཁོང་གིས་ཨ་རིར་རྟེན་གཞི་བྱས་བའི་ངོ་དེབ་ ཊུ་ནེ་ཤེ་ཡའི་(Tunisia)ནང་དུ་བེད་སྤྱོད་བྱེད་བཅུག་པ་རེད། དེར་བརྟེན། ཁོང་གིས་ལྐོག་ཟ་རུལ་སུངས་བྱས་པར་རྒོལ་བའི་ སྐྱོན་འཛུགས་གྱི་བརྙན་ཐུང་དག་བཀག་སྡོམ་བྱེད་ཐུབ་མེད། གནས་ཚུལ་གཅིག་པ་བྱུང་བ་རེད། ཁོང་ནི་ཨ་རབ་ དཔྱིད་ཀའི་ཡོ་ལངས་ཁྲོད་མགོ་རྟིང་སློག་པ་དང་པོ་རེད།
འོན་ཀྱང་། རྒྱལ་སྤྱིའི་དྲ་རྒྱ་ཞིབ་བཤེར་གྱི་ཐབས་ལམ་དེ་གཉིས་ཀྱིས་ རྒྱ་ནག་གི་སྤྱི་ཚོགས་འབྲེལ་མཐུད་དྲ་རྒྱ་དེ་མི་མང་གི་གླེང་སྟེགས་ཤིག་དང་། བསམ་འཆར་བརྒྱུད་ལམ། དཔོན་རིགས་ཚོའི་འཇིགས་སྣང་བྱེད་ཡུལ་ཆགས་པ་དེ་འགོག་ཐུབ་མེད། གང་ལགས་ཞེ་ན། རྒྱ་ནག་ཏུ་དྲ་ཐོག་ཟིན་བྲིས་བ་ས་ཡ་༣༠༠་ཙམ་ཡོད། དེ་ནི་ཨ་རིའི་མི་འབོར་ཁ་གྲངས་དང་གཅིག་པ་རེད། ཟིན་བྲིས་བ་ས་ཡ་༣༠༠་དེ་ཞིབ་བཤེར་གྱི་ར་བ་ནས་ ཟིན་བྲིས་འདེབས་རྒྱུ་བཀག་ཀྱང་། རྒྱ་ནག་གི་དྲ་རྒྱས་ལོ་རྒྱུས་ནང་བྱུང་མ་མྱོང་བའི་ ནུས་སྟོབས་ཆེན་པོ་ཞིག་ བསྐྲུན་ཐུབ་ཀྱི་ཡོད།
༢༠༡༡ ལོའི་ཟླ་༧་པའི་ནང་ལྷོ་རྒྱུད་གྲོང་ཁྱེར་བིན་གྲོས་(Wenzhou)ནང་ གནས་ཚུལ་གསལ་ཁ་མེད་པའི་མེ་འཁོར་བརྡབ་སྐྱོན་གཉིས་བྱུང་བ་རེད། ཆག་སྒོ་དེ་བྱུང་མ་ཐག དབང་འཛིན་པ་ཚོས་དངོས་ཡོད་ཐོག་དོན་རྐྱེན་ཏེ་སྦས་འདོད་སྐྱེས་བ་རེད། གནད་དོན་དེས་རྒྱ་ནག་གི་དྲ་དམངས་ལ་ཁོང་ཁྲོ་བསླངས་ཡོད། ཆག་སྒོ་བྱུང་རྗེས་ཀྱི་ཉིན་ལྔའི་ནང་། དྲ་ཐོག་ཏུ་དོན་རྐྱེན་དེར་སྐྱོན་བརྗོད་བྱེད་མཁན་ས་ཡ་༡༠་བྱུང་བ་རེད། དེ་འདྲ་རྒྱ་ནག་ལོ་རྒྱུས་ནང་དུ་བྱུང་མྱོང་མེད། ད་ལོའི་ལོ་མཇུག་ཏུ། མེ་འཁོར་བློན་ཆེན་གོ་གནས་ནས་ ཕབ་སྟེ་ཁྲིམས་ཆད་བཙོན་འཇུག་ལོ་༡༠་བྱས་སོང་།
ཉེ་ཆར་པེ་ཅིང་ཁོར་ཡུག་བློན་ཆེན་ལྷན་ཁང་དང་ པེ་ཅིང་དུ་ཡོད་པའི་ཨ་རིའི་གཞུང་ཚབ་གཉིས་ཀྱི་དབར་ལ་ དགོད་བྲོ་བའི་རྩོད་པ་ཞིག་བྱུང་བ་རེད། གང་ལེགས་ཞེ་ན། བློན་ཆེན་ལྷན་ཁང་གིས་ ཨ་རིས་གཞུང་ཚབ་ལ་རྒྱ་ནག་ནང་སྲིད་ལ་ཇུས་གཏོགས་ཀྱིས་ མཁའ་དབུགས་གནས་བབས་ཀྱི་ཡིག་ཆ་ ཕྱིར་བསྒྲགས་བྱས་པར་སྐྱོན་བརྗོད་བྱས། ཨ་རིའི་གཞུང་ཚབ་ཀྱིས་བཏོན་པའི་ཡིག་ཆ་དེ་འགྲིག་ཡོད། ཁོང་གིས་མཁའ་དབུགས་ཀྱི་ཚད་༡༤༨་ཡིན་པས་ཚོར་བ་སྐྱེན་པའི་མི་རྣམས་ ཕྱི་ལ་མ་སོང་ན་ལེགས་པའི་བསམ་ཚུལ་བཏོན། བློན་ཆེན་ལྷན་ཁང་གིས་མཁའ་དབུགས་གཙང་བཙོག་གི་ཚད་༥༠་ཡིན་པས། ཕྱི་ལ་སོང་ན་སྐྱོན་མེད་ཚུལ་བརྗོད། ཡིན་ན་འང་། རྒྱ་ནག་གི་ཟིན་བྲིས་བ་བརྒྱ་ཆ་༩༩ ཨ་རིའི་གཞུང་ཚབ་ཀྱི་ཕྱོགས་སུ་ལངས་ཡོད། སྐབས་དེར་ང་པེ་ཅིང་དུ་ཡོད། ངས་རྟག་པར་ཨ་རིའི་གཞུང་ཚབ་ཁང་གི་ཡིག་ཆར་བལྟས་ཏེ། སྒེའུ་ཁུང་ཕྱེ་ན་འགྲིག་མིན་གྱི་ཐག་་ཆོད་བྱེད་ཀྱི་ཡོད།
ཞིབ་བཤེར་གྱི་རྒྱ་ལས་ཀྱང་རྒྱ་ནག་དྲ་རྒྱ་ཇི་ལྟར་ཡར་རྒྱས་འགྲོ་གི་ཡོད་པ་རེད་ཅེ་ན། རྒྱུ་མཚན་གྱི་ཆ་ཤས་གཅིག་ནི་རྒྱའི་སྐད་ཡིག་རེད། ཌིས་ཌིར་དང་ཌིས་ཌིར་འདྲ་བཟོ་བྱས་པ་གཉིས་ཀར་ ཡིག་འབྲུ་༡༤༠་ཙམ་འབྲི་བའི་ཚད་གཞི་ཡོད་པ་རེད། འོན་ཀྱང་། དབྱིན་ཡིག་ནང་དུ་ཚིག་༢༠་འམ་ཡང་ན་འབྲེལ་ཐག་ཐུང་ཐུང་ཞིག་རེད། ལྗར་མན་གྱི་སྐད་ཡིག་ནང་དུ་ཕལ་ཆེར་(Aha)ཞིག་ཡིན་རྒྱུ་རེད།
འོན་ཀྱང་། རྒྱ་ཡིག་ནང་དུ་ཡིག་འབྲུ་༡༤༠་ནི་ ཡིག་འབེབ་ཞིག་གམ་སྒྲུང་ཞིག་རེད། དེའི་ནང་དུ་གསར་གནས་ཤིག་གི་རྒྱུ་ཆ་ཁག་ཀྱང་ཚང་ཡོད། དཔེར་ན། འདི་ནི་ཤེག་སི་ཧྥིར་གྱི་ཧམ་ལེ་ཐི་རེད། ནང་དོན་འདི་རྒྱ་ཡིག་གི་ནང་ཏུ་ཌིས་ཌིར་ཐོག་འགོད་ཐེངས་གཅིག་ནི་ དབྱིན་ཡིག་གི་འགོད་ཐེངས་གསུམ་དང་ཕྱེད་ཀ་ཙམ་རེད། རྒྱ་མི་ཚོས་དུས་རྟག་ཏུ་བསླུ་ཡི་མི་འདུག་གམ། དེར་བརྟེན། རྒྱ་མི་ཚོས་ཟིན་བྲིས་སྤེལ་བ་འདི་གསར་ལམ་ཞིག་ལས་ གསར་འགྱུར་གྱི་མགོ་བརྗོད་ལྟ་བུ་ཞིག་ངོས་འཛིན་གྱི་མེད།
མ་ཟད། སེ་ན་(Sina)བཟོ་ཚོང་ཁང་ནི་ ཌིས་ཌིར་འདྲ་བཟོ་བྱེད་མཁན་རེད། དེར་མིང་ཞིག་བཏགས་པ་ནི་ཝེ་པོ་(Weibo)རེད། ཝེ་པོ་ཞེས་བ་ནི་ཟིན་ཕྲན་ཞེས་བའི་རྒྱ་འགྱུར་དེ་ཡིན། དེ་ལ་རང་གི་གསར་གཏོད་ཀྱི་ཆ་ཡོད། ཝེ་པོ་སྟེང་གི་མཆན་འདོགས་ས་དེ་ནི་ཌིས་ཌིར་ངོ་མ་དང་མི་འདྲ་བར་ ངོ་དེབ་དང་ཅུང་འདྲ་བོ་ཡོད། ཝེ་པོ་(Weibo)དང་ཟིན་ཕྲན་སོགས་ཀྱི་གསར་གཏོད་དང་། འདྲ་བཟོ་འདི་དག ༢༠༠༩་ལོར་རྒྱ་ནག་ཏུ་དར་ཁྱབ་ཕྱིན་སྐབས། གསར་ལམ་གླེང་སྟེགས་ཤིག་ཆགས་པ་རེད། ཀློག་པ་པོ་ས་ཡ་༣༠༠་ཅན་གྱི་གསར་ལམ་གླེང་སྟེགས་ཤིག་ཆགས་པ་རེད། གསར་འགྱུར་བརྒྱུད་ལམ་ཞིག་ཆགས་པ་རེད། ཝེ་པོ་ནང་དུ་མ་གླེང་བའི་གནད་དོན་ཞིག རྒྱ་ནག་མི་མང་གིས་མི་ཤེས་བའི་ཚད་དུ་སླེབས་ཡོད།
ད་དུང་། རྒྱ་ནག་གི་སྤྱི་ཚོགས་འབྲེལ་མཐུད་དྲ་རྒྱས་ དངོས་གནས་མི་མང་གི་ལྟ་སྟངས་དང་འཚོ་བ་གཉིས་ལ་འགྱུར་བ་ཐེབས་བཅུག་ཡོད། དཔེར་ན། མངོན་འདོད་གླེང་སའི་བརྒྱུད་ལམ་མེད་པའི་མི་མང་ ཚོར་རང་གི་མངོན་འདོད་གཞན་གྱིས་གོ་ཐུབ་པའི་བརྒྱུད་ལམ་ཞིག་བསྐྲུན་ཡོད། རྒྱ་ནག་ལ་ཁྲིམས་ལུགས་དབང་ཆའི་ཁྱབ་ཁོངས་ཀྱི་ཕྱི་རོལ་ཏུ་ཞུ་གཏུག་ལམ་ལུགས་ཤིག་ཡོད། གང་ལེགས་ཞེ་ན། དབུས་གཞུང་གིས་ལུགས་སྲོལ་རྙིང་པ་ཞིག་རྒྱུན་སྐྱོང་འདོད་ཡོད། གོང་མ་ནི་སྐྱོན་མེད་དང་། ས་གནས་དཔོན་རིགས་ཚོ་ནི་ཇག་ཚོགས་ཤིག་ཡིན་པའི་ལྟ་སྟངས་རེད། དེར་བརྟེན། ཞུ་གཏུག་བྱེད་མཁན་ཏེ་གནོད་ཐེབས་ཞིང་པ་ཚོ་ མེ་འཁོར་ལ་བསྡད་དེ་པེ་ཅིང་དབུས་གཞུང་དུ་ཞུ་གཏུག་ལ་ཡོང་ཚེ། ཁོང་ཚོས་དཀའ་རྙོག་དེ་གོང་མས་སེལ་བའི་རེ་བ་བྱེད་ཀྱི་ཡོད། ཡིན་ཡང་། པེ་ཅིང་དུ་ཞུ་གཏུག་པ་ཇེ་མང་དུ་ཕྱིན་ན། གྱེན་ལངས་ཀྱི་ཉེན་ཁ་ཡང་ཡོད་པས། དབུས་གཞུང་གིས་ཁོང་ཚོ་ཕྱིར་ས་གནས་སུ་ལོག་བཏང་བ་དང་། ཐ་ན་མང་པོ་ཞིག་བཙོན་ཁང་དུ་བཅུགས་འདུག། འོན་ཀྱང་། ད་ལྟ་ང་ཚོར་ཝེ་པོ་ཡོད། ངས་དེ་ལ་ཝེ་པོ་ཞུ་གཏུག་ཅེས་ལབ་ཀྱི་ཡོད། མི་མང་གིས་ལག་འཁྱེར་ཁ་པར་ལ་བསྟེན་ནས་དྲ་ཞུགས་བྱེད།
སྐབས་རེར་སྟབས་ལེགས་ན་རང་ཉིད་ཀྱི་དཀའ་ངལ་གྱི་སྒྲུང་དེར་ གསར་འགོད་པ་དང་། སློབ་དཔོན། མི་སྣ་གྲགས་ཅན་ཚོས་དོ་སྣང་སྤྲད་སྲིད། ཡོ་ཁྲིན་ནི་ཁོང་ཚོའི་གྲས་ཀྱི་གཅིག་རེད། ཁོ་མོ་རྒྱ་ནག་གི་ཆེས་སྐད་གྲགས་ཆེ་བའི་ཟིན་བྲིས་པ་ཞིག་རེད། ཁོ་མོའི་ཟིན་བྲིས་བལྟ་ཀློག་བྱེད་མཁན་མི་གྲངས་ས་ཡ་༢༡ ཙམ་ཡོད། དེ་ནི་ཕལ་ཆེར་རྒྱལ་ཡོངས་བརྙན་འཕྲིན་ཁང་ཞིག་དང་འདྲ། གལ་ཏེ། རང་གི་དཀའ་ངལ་གྱི་གནད་དོན་ཞིག་ལ་ཁོ་མོས་བདག་རྒྱག་སྲིད། དེར་བརྟེན། ཝེ་པོ་སྤྱི་ཚོགས་འབྲེལ་མཐུད་དྲ་བ་འདིས་ཞིབ་བཤེར་གྱི་རྒྱ་ལས་ཀྱང་ རྒྱ་ནག་མི་མང་ས་ཡ་༣༠༠་ཙམ་ལ་མཉམ་དུ་གླེང་མོལ་དང་ཁ་བརྡ་ བྱེད་པའི་གོ་སྐབས་དཀོན་མོ་ཞིག་བསྐྲུན་ཡོད། དེ་ནི་ཌེ་ཌི་(TED)ཆེན་པོ་ཞིག་དང་འདྲ་པོ་རེད། མ་ཟད། འདི་ནི་རྒྱ་ནག་མི་མང་གི་ཁོར་ཡུག་ཏུ་ ཐོག་དང་པོར་བྱུང་བ་རེད། རྒྱ་ནག་མི་མང་གིས་མི་རྣམས་ལ་གྲོས་མོལ་དང་ ཁ་བརྡ་གང་འདྲ་བྱེད་དགོས་མིན་སློབ་ཀྱི་ཡོད།
ཡིན་ཡང་། ཞིབ་བཤེར་གྱི་ཞི་མི་གཉིད་ཁུག་མེད། རྒྱ་ནག་ཝེ་པོ་དྲ་ཐོག་ཏུ་ཚོར་བ་སྐྱེན་པའི་གནད་དོན་རིགས་བཀོལ་ཐབས་མེད། དཔེར་ན། རྒྱ་ནག་སྲིད་འཛིན་ཧོས་ཅིན་ཐོ་ཡི་མིང་དང་། ཁྲོང་ཆིན་གྲོང་ཁྱེར་གྱི་མིང་འགོད་མི་ཐུབ། ཉེ་ཆར་བར་དུ་ཁྱེད་ཀྱིས་མཐོ་རིམ་དཔོན་རིགས་ཚོས་རུས་མིང་འཚོལ་མི་ཐུབ། དེར་བརྟེན། རྒྱ་མི་ཚོ་དོན་གཅིག་མིང་གི་རྣམས་གྲངས་ཅན་གྱི་ཚིག་དང་། ཚབ་མཚོན་གྱི་ཚིག ད་དུང་བརྒྱུད་སྤྲོད་ཀྱི་ཐབས་ལམ་སྤྱོད་པར་མཁས། ཐ་ན་ཁོང་ཚོས་སོ་སོར་མིང་བཏགས་ཏེ་ འཛམ་གླིང་ཁ་ལོ་བསྒྱུར་བའི་འཐབ་རྩོད་ཅིག འདམ་རྩའི་རྟ་དང་ཆུ་འབུ་དབར་དུ་བསླངས་ཡོད། རྩ་འདམ་རྟ་ཞེས་བ་ནི་ ཨ་མར་འཁྲིག་པ་སྤྱོད་པ་ཞེས་བ་དང་དོན་འདྲ། ཁོང་ཚོས་སོ་སོར་མིང་དེས་འབོད་ཀྱི་ཡོད། (hexie)ཆུ་འབུ་ཞེས་བ་ནི། འཆམ་མཐུན་དང་ཞིབ་བཤེར་གྱི་མཚོན་དོན་ཡིན། འདི་ལྟ་བུའི་ཚིག་དག་ཧ་ཅང་ཡག་པོ་ཡོད། དེར་བརྟེན། ཆབ་སྲིད་དང་འབྲེལ་བའི་གནད་དོན་རེ་བྱུང་ཚེ་སྤྲོ་བ་འདྲེན་པའི་དུས་སྐབས་ཤིག་འབྱུང་གི་རེད། ཝེ་པོ་དྲ་ཐོག་ཏུ་བློ་ཡུལ་ལས་འདས་བའི་སྒྲུང་རྐྱང་རྐྱང་མཐོང་། ཡ་མ་ཟུང་གི་ཚིག་དང་བརྗོད་པ་དེ་ཚོ་རྒྱ་ཡིག་གི་འབུམ་རམས་པའི་ ཤེས་ཚད་ཡོད་མཁན་ཞིག་ཡིན་ནའང་འགྲེལ་དཀའ།
འོན་ཀྱང་། ཁྱེད་ཀྱིས་གནས་ཚུལ་ཁྱབ་རྒྱ་ཆེ་རུ་གཏོང་མི་ཐུབ། གང་ལགས་ཞེ་ན། རྒྱ་ནག་གི་ཝེ་པོ་གསར་འཛུགས་བྱེད་སྐབས་ནི་ གཞུང་ཕྱོགས་ནས་ཌིས་ཌིར་གཏན་འགོག་བྱས་བའི་ཟླ་གཅིག་ཙམ་གྱི་རྗེས་རེད། དེས་ཝེ་པོ་བཟོ་ཚོང་ཁང་གིས་ཝེ་པོ་ནི་ཐོག་དང་པོ་ནས་ རྒྱ་གཞུང་ལ་ཉེན་ཁ་འབྱུང་གཞིའི་གླེང་སྟེགས་ ཤིག་མི་ཆགས་པའི་གོ་བསྐོན་བློ་འགུགས་ བྱས་ཡོད་པ་མཚོན་ཐུབ། དཔེར་ན། མཉམ་འཛོམས་དང་ཐུག་འཕྲད། སྤྲོ་འཆམ་ལྟ་བུའི་ཚིག་དག་འཁོད་ཚེ། རང་བཞིན་གྱིས་ཞིབ་འཇུག་བྱེད་ཀྱི་ཡོད་ལ། ཆབ་སྲིད་ཀྱི་གནད་དོན་ཡོད་མིན་ཞིབ་འཇུག་བྱེད་པར་གཏོང་གི་ཡོད། ཁྱེད་ཀྱིས་ཐུག་འཕྲད་དེ་འདྲ་བྱེད་དགོས་བའི་དབང་དུ་བཏང་ན། ཁྱེད་རང་ས་གནས་སུ་མ་འབྱོར་སྔོན་དུ་ཉེན་རྟོག་པ་སླེབས་ཏེ་སྒུག་བསྡད་ཡོད། ག་རེ་བྱས་ནས། རྒྱུ་མཚན་ནི་ཁོང་ཚོར་ཡིག་ཆ་ཡོད་པས་རྐྱེན་གྱིས་རེད། ཁོང་ཚོའི་ལག་ཏུ་ཆ་ཚང་ཡོད། དེར་བརྟེན། ཁོང་ཚོས་༡༩༨༤་ལོའི་ངོ་ལོག་བ་དག་གི་ཡིག་ཆ་གསང་ཞིབ་བྱེད་པའི་རྣམ་པ་དེ་བཀོལ་ཐུབ། དེར་བརྟེན་དྲག་གནོན་བྱས་པ་ཧ་ཅང་ཚབས་ཆེན་ཡིན།
འོན་ཀྱང་། ངས་ཁྱེད་ཚོར་ཞི་མི་དང་ཙི་ཙིའི་བརྒྱུད་རིམ་གྱི་ གནད་དོན་དགོད་བྲོ་བ་ཞིག་ཤེས་འཇུག་འདོད། ཞི་མི་ནི་ཞིབ་བཤེར་མཁན་རེད། རྒྱ་གཞུང་ལ་ཞི་མི་གཅིག་ལས་མེད་པ་མིན། ད་དུང་དབུས་དང་ས་གནས་ཀྱི་ཞི་མི་ཡོད།
དྲ་རྒྱའི་དོ་དམ་གྱི་ཨ་མ་དབུས་ཀྱི་ཞི་མིའི་ལག་ཏུ་ཡོད་པས་ དྲ་དམངས་ཚོས་ས་གནས་གཞུང་ལ་སྐྱོན་བརྗོད་བྱེད་པའི་སྐབས་སུ། ས་གནས་གཞུང་ལ་པེ་ཅིང་དུ་ཡོད་པའི་སྐྱོན་བརྗོད་ཡིག་ཆ་རག་ཐབས་མེད། དབུས་གཞུང་ལ་ལྐོག་རྔན་མ་སྤྲད་པར་ ས་གནས་གཞུང་གིས་དགོངས་དག་ཞུ་བ་ལས་ཅི་ཡང་བྱེད་མི་ཐུབ།
དེར་བརྟེན། འདས་བའི་ལོ་ངོ་གསུམ་གྱི་རིང་ལ། དྲ་རྒྱར་སྤེལ་བའི་སྤྱི་ཚོགས་ལས་འགུལ་གྱིས་ ཁ་ཡོད་ལག་ཡོད་ཐོག་ས་གནས་སྲིད་གཞུང་ལ་འགྱུར་བ་བཏང་སོང་། ཁོང་ཚོས་ལག་ཏུ་ཡིག་ཆ་རག་ཐབས་མེད་པས་ ཅུང་ཕྱི་གསལ་ནང་གསལ་ཆགས་བྱུང་། དྲ་རྒྱའི་ཨ་མ་པེ་ཅིང་དུ་ཡོད་པ་རེད། མེ་འཁོར་བརྡབ་སྐྱོན་གྱི་གནད་དོན་ཐད་ནས། ཅིའི་ཕྱིར་ཉིན་ལྔའི་ནང་སྐྱོན་བརྗོད་གྱི་གཏམ་ས་ཡ་༡༠་ཙམ་སྤེལ་བ་དེ་ཁོ་ན་མིན་པར་ ཅིའི་ཕྱིར་རྒྱ་ནག་དབུས་གཞུང་གིས་ དྲ་ཐོག་ཏུ་ཉིན་ལྔའི་རིང་ལ་སྨྲ་བརྗོད་རང་དབང་སྤྲད་པ་དེ་རེད། དེ་འདྲ་སྔོན་ཆད་བྱུང་མྱོང་ཡོད་པ་མ་རེད། གནད་དོན་ཆུང་ཆུང་རེད། གང་ལེགས་ཞེ་ན། ཐ་ན་དཔོན་རིགས་མཐོ་ཁག་དེ་ཚོ་ཡང་ ས་གནས་ཀྱི་དཔོན་རིགས་ཚོའི་བྱ་སྤྱོད་ལ་ཞེན་པ་ལོག་ཡོད། དེར་བརྟེན། ཁོང་ཚོར་ཁ་གཡར་ས་ཞིག་དགོས་པ་རེད། མི་མང་གི་བསམ་ཚུལ་ནི་ཁ་གཡར་ས་སྟབས་བདེ་ཤོས་ཏེ་རེད།
ད་དུང་། ཉེ་ཆར་བྱུང་བའི་པོ་ཤེས་ལེ་དོན་རྐྱེན་དེ་གསར་འགྱུར་ཆེན་པོ་ཆགས་པ་རེད། ཁོང་ནི་རྒྱལ་སྲས་རེད། འོན་ཀྱང་། འདོ་ལོའི་ཕྱི་ཟླ་གཉིས་པ་དང་བཞི་བའི་བར་ ཝེ་པོ་ནི་དཀྲོག་གཏམ་བཀྲམ་སའི་ཁྲོམ་ས་ཆེན་པོ་ཞིག་ཆགས་པ་རེད། ཁྱེད་ཀྱིས་རྒྱས་སྲས་དེའི་སྐོར་ལ་བསྟན་བཤིག་སློང་བའི་སྐད་ཆ་ག་རེ་བཤད་ཀྱང་ཆོག སྐབས་དེར་ཁྱེད་རང་ཨ་རིར་ཡོད་པ་དང་གཅིག་མཚུངས་ཡིན། འོན་ཀྱང་། ཁྱེད་ཀྱིས་པེ་ཅིང་གི་དམག་མིའི་གྱེན་ལངས་སྐོར་གྱི་དཀྲོག་གཏམ་སྤེལ་ན། ཁྱེད་རང་འཛིན་བཟུང་བྱེད་ཁོ་ཐག་རེད། འདི་ལྟ་བུའི་རང་དབང་ནི་དམིགས་འབེན་བྱས་པ་ཞིག་རེད།
རྒྱ་ནག་ཏུ་ཞིབ་བཤེར་ནི་རྒྱུན་ལྡན་གྱི་བྱ་སྤྱོད་ཞིག་རེད། ཁྱེད་ཀྱིས་རྒྱ་ནག་ཏུ་རང་དབང་འདུག་འདོད་པ་དེ་རྒྱུན་ལྡན་མ་རེད། དེའི་རྒྱབ་ཏུ་གནས་ཚུལ་གཞན་ཞིག་འབྱུང་གི་རེད། གང་ལགས་ཞེ་ན། ཁོང་ནི་གཡོན་ཐལ་ཆེ་བའི་དཔོན་རིགས་ཤིག་རེད། དབུས་གཞུང་གིས་ཁོང་ནི་དེ་སྔོན་ཧ་ཅང་མི་ཡག་པོ་ཞིག་དང་། ད་ལྟ་མི་ངན་གཏེ་བོ་ཞིག་ཡིན་པའི་རྒྱུ་མཚན་ མི་མང་ལ་ཤེས་འཇུག་འདོད་པ་རེད། དེར་བརྟེན། དྲ་དམངས་ས་ཡ་༣༠༠་ཅན་གྱི་ཝེ་པོ་ནི་ ཆབ་སྲིད་འཐབ་རྩོད་ཀྱི་ལག་ཆ་སྟབས་བདེ་ཞིག་ཆགས་པ་རེད།
ལག་རྩལ་འདི་གསར་བ་ཡིན་ཀྱང་། ལམ་ལུགས་རྙིང་བ་རེད། ལམ་ལུགས་འདི་མོ་ཙེ་ཏུང་གིས་སྐད་གྲགས་ཆེན་པོ་བཟོས་བ་རེད། གང་ལེགས་ཞེ་ན། ཁོང་གིས་མི་མང་ས་ཡ་མང་པོར་སྐུལ་སློང་བྱས་ཏེ་ རིག་གནས་གསར་བརྗེ་ཆེན་པོའི་སྐབས་ས་གནས་གཞུང་རྩ་མེད་གཏོང་བཅུག་པ་རེད། དེ་སྟབས་བདེ་རེད། གང་ལགས་ཞེ་ན། དབུས་གཞུང་གིས་ མི་མང་གི་བསམ་འཆར་གྱི་སྣེ་ཁྲིད་དགོས་ཀྱི་མེད། ཁོང་ཚོས་མི་མང་ལ་དམིགས་འབེན་གྱི་ལམ་ཞིག་བསྟན་པ་ལས་ཞིབ་བཤེར་བྱེད་ཀྱི་མེད། ཞིབ་བཤེར་མི་བྱེད་པ་ནི་རྒྱ་ནག་ནང་དུ་ཆབ་སྲིད་ཀྱི་ལག་ཆ་ཞིག་ཆགས་པ་རེད།
འདི་ནི་ཞི་མི་དང་ཙི་ཙིའི་རྩེད་མོ་ཡི་གནས་ཚུལ་གསར་ཤོས་ཏེ་ཡིན། སྤྱི་ཚོགས་འབྲེལ་མཐུད་དྲ་བས་རྒྱ་རིགས་ཀྱི་བསམ་བློ་གཏོང་སྟངས་ལ་འགྱུར་བ་བཏང་བ་རེད། སྨྲ་བརྗོད་རང་དབང་དང་། འགྲོ་བ་མིའི་ཐོབ་ཐང་ནི་ཁོང་ཚོའི་ལྷན་སྐྱེས་ཀྱི་ཐོབ་ཐང་ཡིན་ པ་ལས་ཨ་རི་ནས་ནང་འདྲེན་བྱས་བའི་ཆེ་མཐོང་ཞིག་མིན་པའི་ བསམ་བློ་གཏོང་མཁན་གྱི་རྒྱ་མི་ཇེ་མང་དུ་འགྲོ་བཞིན་ཡོད། ད་དུང་། འདིས་རྒྱ་ནག་གི་མི་སེར་ཚོར་སྦྱོང་བརྡར་དང་། མང་གཙོ་ཅན་དུ་འགྱུར་བའི་གྲ་སྒྲིག་ཐད་ནས་ མི་མང་གི་ཁོར་ཡུག་ཅིག་བསྐྲུན་ཡོད་ཀྱང་། དེས་རྒྱ་ནག་གི་ཆབ་སྲིད་ལམ་ལུགས་ལ་བསྒྱུར་བཅོས་བཏང་མེད་པར། རྒྱ་ནག་དབུས་གཞུང་གིས་གཅིག་སྡུད་བྱས་པའི་དྲ་རྒྱ་དོ་དམ་དེ་སྤྱད་ནས་ དབུས་གཞུང་གི་དབང་ཆ་སྲ་བརྟན་གཏོང་ཞིང་། ས་གནས་གཞུང་དང་ཤོག་ཁག་མ་འདྲ་བ་ཚོར་ཁ་གཏད་གཅོག་བྱེད་ཆགས་ཡོད།
དེས་ན། ང་ཚོའི་མ་འོངས་ཅི་འདྲ་ཞིག་ཡིན་རྒྱུ་རེད། ཅི་བཤད་ཀྱང་། ང་ཚོ་ནི་ཙི་ཙི་རེད། ང་ཚོའི་མ་འོངས་གང་འདྲ་ཞིག་ཡིན་ཀྱང་ཞི་མིར་འཐབ་རྩོད་བྱེད་དགོས། རྒྱ་ནག་གཅིག་པུ་མིན་པར་ཨ་རིའི་ནང་དུའང་ ཞི་མི་ངན་པ་ཆུང་ཆུང་དང་སྙིང་རྗེ་བོ་དེ་འདྲ་འདུག།
སོ་པ།(SOPA) པི་པ།(PIPA) ཨེ་ཁི་ཊ།(ACTA) ཊི་པས་པས་(TPP)དང་། ཨེ་ཊི་ཡོས།(ITU) ད་དུང་། ངོ་དེབ་དང་གུ་གལ་གཉིས་ཀྱིས་ཙི་ཙི་ཡི་གྲོགས་པོ་ཡིན་མདོག་སྟོན་གྱི་ཡོད་ཀྱང་། མཚམས་མཚམས་ཞི་མི་དང་མཉམ་དུ་མཐུན་འགྲིག་ཡོང་ཐབས་བྱེད་ཀྱི་འདུག། དེར་བརྟེན། ངའི་མཇུག་སྡོམ་ནི་སྟབས་བདེ་ཞིག་ཡིན། ང་ཚོ་རྒྱ་མི་ཚོས་་རང་དབང་ཆེད་འཐབ་རྩོད་བྱེད། ཁྱེད་ཚོས་ཞི་མི་ངན་པ་ཚོར་ལྟ་རྟོག་བྱོས། ཁོང་ཚོ་རྒྱ་ནག་གི་ཞི་མི་ཚོ་དང་མཉམ་སྦྲེལ་བྱེད་མ་འཇུག འདི་ལྟར། ང་ཚོས་མ་འོངས་པར་ ག་དུས་ཡིན་ཡང་། གང་དུ་ཡིན་ཡང་། ཞེད་སྣང་མེད་པར་ དྲ་རྒྱ་ལོངས་སྤྱོད་ཐུབ་པའི་ཙི་ཙིའི་རྨི་ལམ་དེ་མངོན་འགྱུར་བྱེད་འཇུག་གི་ཡིན།
You can share this video by copying this HTML to your clipboard and pasting into your blog or web page. This video will play with subtitles.
You either have JavaScript turned off or have an old version of the Adobe Flash Player. To view this rating widget you
need to get the latest Flash player.
If your browser allows only "trusted sites" to execute Javascript, you should add the "googleapis.com" domain to your whitelist to allow our Flash detection to work properly.
Got an idea, question, or debate inspired by this talk? Start a TED Conversation.
མ་ཨི་ཁལ་ཨེན་ཊིཿ་ཁོང་གིས་ལོ་ངོ་༡༢་གྱི་རིང་ལ་རྒྱ་ནག་ནས་ཟིན་བྲིས་སྤེལ་ཡོད། ཁོང་གིས་བརྗོད་དོན་ལྟར་ན། རྒྱ་ནག་གི་དྲ་རྒྱ་སྟངས་འཛིན་གྱི་བདག་དབང་གཞུང་གི་ལག་ཏུ་ཡོད་ཀྱང་། མི་མང་ས་ཡ་མང་པོས་དྲ་ཞུགས་བྱས་ཏེ་རྒྱལ་ཁབ་ཀྱི་ལོ་རྒྱུས་ནང་དུ་བྱུང་མ་མྱོང་བའི་མི་མང་གི་གླེང་སྟེགས་ཤིག་བསྐྲུན་ཡོད་པ་དང་། དབང་ཚད་སྙོམས་སྒྲིག་གི་འགྱུར་བསམ་ཡུལ་ལས་འདས་བ་ཞིག་འགྲོ་གི་འདུག།
Michael Anti (Zhao Jing), a key figure in China's new journalism, explores the growing power of the Chinese internet. Full bio »
Translated into Tibetan by choegyal kyab
Reviewed by trinley tenzin
Comments? Please email the translators above.
17:14 Posted: Oct 2011
Views 1,026,108 | Comments 463
15:48 Posted: Jun 2009
Views 932,143 | Comments 200
18:15 Posted: Oct 2010
Views 483,357 | Comments 253
Just follow the guidelines outlined under our Creative Commons license.
This comment will be attributed to . Not ? Sign Out.